His Holiness Message on the Russian-Ukraine War

His Holiness Message on the Russian-Ukraine War

Languages: Tibetan, English, French, Vietnam, German, Italian, Spanish, Portuguese, Russian, Ukranian, Arabic , Chines, Hungary (13) Tibetan: དེང་སང་ར་ཤི་ཡས་ཡུ་ཀེ་རན་ནང་དུ་བཙན་འཛུལ་དཔུང་འཇུག་བྱེད་བཞིན་པའི་རྣམ་པ་འདིའི་ཐད་མི་མང་པོ་ཞིག་གི་སེམས་ནང་དུ་ཧང་སངས་པ་དང༌། ཁོང་ཁྲོ་དང་ཡིད་ཆད་པའི་སྣང་ཚུལ་ཞིག་བྱུང་བཞིན་ཡོད།  དེ་བཞིན་ཆོས་བྱེད་མི་སྣ་མང་པོས། ཆོས་པ་ཞིག་ལ་ཆ་བཞག་ན་ང་ཚོས་རྙོག་གཟིང་དང༌། སྙིང་ན་དགོས་པའི་གནས་ཚུལ་འདི་རིགས་ལ་ཇི་ལྟར་བྱས་ནས་ལན་འདེབས་བྱེད་དགོས་ཟེར། མིག་སྔའི་གནས་སྟངས་ནི་ཧ་ཅང་དཀའ་ཚེགས་ཅན་ཞིག་ཡིན། ང་ཚོ་ཏོག་དབྱིབས་འགོད་ནད་ཀྱི་ཡམས་ནད་མཇུག་སྒྲིལ་ལ་ཉེ་བ་མཐོང་བའི་མཚམས་སུ། སྟོབས་ཆེན་གྱི་དམག་དཔུང་ཞིག་གིས། འཛམ་གླིང་གང་ས་ནས་རྒོལ་གཏམ་གཏོང་བར་མི་འཛེམས་པར། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ནང་དུ་མངོན་སུམ་འཛེམས་མེད་ཀྱིས་བཙན་འཛུལ་དཔུང་འཇུག་བྱས་པར་འཛམ་བུ་གླིང་ཡོངས་ལ་སྐྱི་གཡའ་བའི་གནས་ཚུལ་ཞིག་བྱུང་ཡོད། ངས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་མཁས་མཛངས་དང༌། རྟོག་དཔྱོད་ནུས་སྟོབས་ལྡན་པའི་སྒོ་ནས། ཐེངས་འདིའི་ཉེན་ཚབ་ཀྱི་དམག་འཁྲུག་འདི་ཞི་བར་བྱེད་དེ། ཆེས་མང་བའི་ཤི་རྨས་མི་ཡོང་བ་འགོག་ཐབས་བྱེད་རྒྱུ་དང༌།